ཧྭ་ཝེའི་འཚོ་བའི་ཞབས་ཞུ་དང་གསང་བའི་སྐོར་གྱི་གསལ་བསྒྲགས།

གསར་སྒྱུར་ཚེས་གྲངས། 2019ལོའི་ཟླ་10ཚེས་25ཉིན།

ཧྭ་ཝེའི་འཚོ་བའི་ཞབས་ཞུ་ནི་ཧྭ་ཝེའི་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་ (གཤམ་དུ་ང་ཚོའམ་ཧྭ་ཝེ་ཞེས་འབོད་རྒྱུ།) ཕྱོགས་གསུམ་པའི་ཞབས་ཞུའི་ཚོང་པ་མང་པོ་དང་མཉམ་ལས་བྱེད་པ་བརྒྱུད་དེ་ཁྱེད་ལ་ཉེ་འགྲམ་གྱི་འཚོ་བ་དང་ཟས་གོས་འགྲོ་སྡོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་ཉེར་སྤྱོད་ཅིག་ཡིན། ཧྭ་ཝེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་གསང་དོན་སྲུང་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་བཅའ་ཁྲིམས་ཀྱི་བླང་བྱ་དང་ལས་རིགས་ཀྱི་བྱང་ཆུབ་པའི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དེ་མཚུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཐབས་མཁོ་འདོན་བྱ་རྒྱུ་ཡིན།

ང་ཚོས་མཉམ་ལས་རོགས་ཟླར་འབྲེལ་རྒྱུན་བསྐྱངས་ནས་ཁྱེད་ལ་འཐུས་སྒོ་ཚང་བའི་འཚོ་བའི་ཞབས་ཞུ་མཁོ་འདོན་བྱེད། ཁྱེད་ཀྱི་ཧྭ་ཝེ་ཐོ་ཨང་ཆ་འཕྲིན་(མགོ་པར་དང་གཅེས་མིང་ཚུད་ཡོད)ང་ཚོའི་མཉམ་ལས་རོགས་ཟླར་སྤྲད་དེ། ཁྱེད་ཀྱིས་ཉེར་སྤྱོད་འདི་གའི་ནང་ནས་འབྲེལ་ཡོད་ཀྱི་མངག་ཐོ་ལྟ་བཤེར་བྱེད་པར་སྟབས་བདེ་བསྐྲུན་ངེས།

ཕལ་ཆེར་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་དང་། སྒྲིག་ཆས་ཀྱི་བཟོ་རྟགས། འཁོར་སྐྱོད་ཚོང་པའི་ཆ་འཕྲིན། ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན། ཕོ་མོ། གནས་ཡུལ་བཅས་གཞིར་བྱས་ནས་ཁྱེད་ལ་ཁྱེད་ཀྱིས་དགའ་མོས་ཡོད་སྲིད་པའི་ཚོང་ཟོག་གམ་ཞབས་ཞུ་འོས་སྦྱོར་བྱ་ངེས།


1. ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཇི་ལྟར་འཚོལ་སྡུད་དང་བེད་སྤྱོད་བྱེད་དམ།

ཕུན་སུམ་ཚོགས་པའི་འཚོ་བའི་ཞབས་ཞུ་འདུས་ཡོད།

ཧྭ་ཝེའི་འཚོ་བའི་ཞབས་ཞུས་ཁྱེད་ལ་ལག་ཁྱེར་ཁ་པར་ནང་དུ་དངུལ་བླུག་པ་དང་མགྲོན་ཁང་སྤུས་ལེགས། གོང་ཁེའི་གནམ་གྲུའི་པ་སེ། མེ་འཁོར་གྱི་པ་སེ། གླ་འཁོར་འབོད་པ་དང་ཆེད་འཁོར་འབོད་པ། ཁྱིམ་ཚང་འཛིན་སྐྱོང་གི་གདན་ཞུ། ཕྱོགས་ཐོན་གྱི་ཐབས་ཇུས། མྱུར་སྐྱེལ་གྱི་འདྲི་རྩད། བེད་སྤྱད་མྱོང་བའི་དངོས་ཟོག་ལེགས་པོ་དེ་བཞིན་རིགས་སྣེ་མང་གི་འཛམ་གླིང་ཡོངས་ཀྱི་ཚོང་ཟོག་སོགས་ཀྱི་ཞབས་ཞུ་མཉམ་འདུས་བྱེད་པ་ཡིན། ཞབས་ཞུ་འདི་ཚོ་ནི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་མཁོ་འདོན་བྱེད་ཅིང་། ཁྱེད་ཀྱིས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས། བཤར་ལྟ་དང་བཤེར་འཚོལ་དེ་བཞིན་ཉོ་སྒྲུབ་བཅས་བྱེད་ཆོག

ཁྱེད་ཀྱིས་ཉེར་སྤྱོད་འདི་གའི་གཙོ་ངོས་སམ་རིག་ལྡན་ལས་རོགས་ཀྱི་བཤེར་འཚོལ་སྒྲོམ་དུ་གནད་ཚིག་ནང་འཇུག་བྱས་ནས་མགྱོགས་མྱུར་སྒོས་ཁྱེད་ལ་མཁོ་བའི་ཞབས་ཞུ་བཙལ་ཐུབ།(རིག་ལྡན་ལས་རོགས་ཀྱི་པར་གཞིའི་ཁྱད་པར་ལ་གཞིགས་ནས་མཁོ་འདོན་བྱས་པའི་ཞབས་ཞུའང་མི་འདྲ།)

ཞབས་ཞུ་འདི་དག་ནི་ང་ཚོའི་མཉམ་ལས་རོགས་ཟླས་ཁྱེད་ལ་མཁོ་འདོན་བྱས་པ་ཡིན། ང་ཚོས་ཁྱེད་ཀྱི་ཧྭ་ཝེ་ཐོ་ཨང་ནང་གི་མགོ་པར་དང་། གཅེས་མིང་། དེ་བཞིན་ནང་འཇུག་བྱས་པའི་གནད་ཚིག་སོགས་འབྲེལ་ཡོད་ཀྱི་ཞབས་ཞུ་མཁོ་འདོན་ཚོང་པར་བརྒྱུདབསྐུར་བྱ་སྲིད། དེ་ནི་ཁྱེད་ཀྱིས་ཧྭ་ཝེ་ཐོ་ཨང་ཐོ་འཇུག་བྱས་རྗེས་ཉེར་སྤྱོད་འདི་གའི་ནང་ནས་ཞབས་ཞུ་སྣ་ཚོགས་ནས་བྱུང་བའི་མངག་ཐོའི་ཆ་འཕྲིན་ལ་ལྟ་བཤེར་བྱེད་བདེ་བའི་ཕྱིར་ཡིན། དུས་མཚུངས་སུ་ཉེན་འགོག་ཚོད་འཛིན་བྱེད་པའི་རེ་བ་ལ་གཞིགས་ནས། ང་ཚོས་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་མིང་མི་འགོད་པ་ཅན་དུ་འགྱུར་རྗེས་དེ་མཚུངས་ཀྱི་ཞབས་ཞུ་འདོན་སྤྲོད་ཚོང་བ་ལ་མཉམ་སྤྱོད་(དཔེར་ན་མཛེས་ཐོན་ཕྱི་ཚོང་ལྟ་བུ་)བྱས་ནས་ཁྱེད་རང་ལ་ཞབས་ཞུ་དེ་བས་ཡག་པ་མཁོ་འདོན་བྱེད་པའི་ཆེད་དུ་ཡིན།

དུས་མཚུངས་སུ་ང་ཚོས་ཚོང་ལས་གན་རྒྱ་སོགས་བྱ་ཐབས་ལ་གཞིགས་ནས་མཉམ་ལས་རོགས་ཟླར་ཁྱེད་ཀྱི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། དེའི་གསང་དོན་སྲིད་ཇུས་འགྲེམ་པའི་རེ་བ་བཏོན་ནས་མངོན་གསལ་དོད་པོས་ཚོད་འཛིན་བྱེད་ཐུབ་པར་བྱ་ངེས། ཁྱེད་ཀྱིས་ཞིབ་ནན་གྱིས་བཀླག་པར་འཚལ།

དེའི་ནང་གནས་ཡུལ་གྱི་ཆ་འཕྲིན་ནི་པའེ་ཏུའུ་ས་ཁྲ་ཡིས་མཁོ་འདོན་བྱས་པ་དང་། པའེ་ཏུའུ་ས་ཁྲས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད་པས། ཁྱེད་རང་གིས་པའེ་ཏུའུ་ས་ཁྲའི་གསང་བའི་གསལ་བསྒྲགས་ལ་ཞིབ་པར་ཀློག་རོགས། ཁྱེད་ཀྱིས་རླངས་འཁོར་གླས་པའི་ཞབས་ཞུ་སྤྱོད་པའི་སྐབས་སུ། ཏི་ཏི་ཡིས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བྱེད་སྲིད། ཁྱེད་རང་གིས་ཏི་ཏི་ཡི་གསང་བའི་གསལ་བསྒྲགས་ལ་ཞིབ་པར་ཀློག་རོགས།


རྩ་གཉིས་རྟགས་རིས་བཤར་ནས་མྱུར་སྐྱེལ་འདྲི་རྩད་བྱེད།

ཁྱེད་ཀྱིས་ཀྱང་ཧྭ་ཝེའི་འཚོ་བའི་ཞབས་ཞུ་བརྒྱུད་དེ་ཁྱེད་ཀྱི་མྱུར་སྐྱེལ་གྱི་ཆ་འཕྲིན་འདྲི་རྩད་བྱེད་ཆོག དེའི་ནང་དུ་མྱུར་སྐྱེལ་ཐོའི་གནས་ཚུལ་ཞིབ་ཕྲ་དང་ཟོག་འདྲེན་གྱི་ལས་ཚད་ཚུད་ཡོད། དེར་བརྟེན་ང་ཚོས་ཁྱེད་ཀྱི་མྱུར་སྐྱེལ་ཐོའི་ཨང་རྟགས་ཐོབ་ཐབས་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཕྱོགས་གསུམ་པའི་ཟོག་འདྲེན་ཞབས་ཞུ་མཁོ་འདོན་ཚོང་པར་སྐྱེལ་དགོས། ཆ་འཕྲིན་འདི་ཚོ་སྒྲིག་ཆས་ནང་ཁོ་ནར་ཉར་ཚགས་བྱེད་པ་ལས། ཧྭ་ཝེའི་ཞབས་ཞུའི་སྟེགས་བུའི་ཐོག་ཏུ་ཡར་སྐུར་མི་སྲིད།


2. མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར།

ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ཀྱི་གསལ་བྱེད་རྟགས་དང་། སྒྲིག་ཆས་ཀྱི་བཟོ་རྟགས། འཁོར་སྐྱོད་ཚོང་པའི་ཆ་འཕྲིན། ཉེར་སྤྱོད་ཀྱི་གཞི་རྩའི་ཆ་འཕྲིན། ཕོ་མོ། གནས་ཡུལ་སོགས་ལ་གཞིགས་ནས་ཁྱེད་ལ་ཁྱེད་ཀྱིས་དགའ་མོས་བྱེད་སྲིད་པའི་ཚོང་ཟོག་དང་ཞབས་ཞུ་འོས་སྦྱོར་བྱེད་སྲིད། ཁྱེད་ཀྱིས་ཧྭ་ཝེ་འཚོ་བའི་ཞབས་ཞུ་ངའི་ནས་སྒྲིག་འགོད་དུ་འཚམས་འདྲི་བྱས་པ་རྒྱུད་ནས། འཚོ་བའི་ཞབས་ཞུ་སྤུས་ལེགས་ཀྱི་མཉམ་གཏོང་ཁ་རྒྱག་པ་(10.0.1དེ་བཞིན་སྔོན་མའི་པར་གཞི་ནི་བརྡ་འཕྲིན་གསར་པའི་བརྡ་ཐོ་འབྱོར་ལེན་བྱེད།)རྒྱུད་ནས་སྒེར་གཤིས་ཅན་གྱི་འོས་སྦྱོར་བྱས་པའི་ནང་དོན་མཚམས་འཇོག་བྱས་ན་འགྲིག།


3. བྱིས་པར་སྲུང་སྐྱོབ།

ཉེར་སྤྱོད་འདི་ནི་མི་དར་མ་ཁོ་ནས་བཀོལ་སྤྱོད་བྱེད་པར་མཁོ་འདོན་བྱེད། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ལྟ་སྐྱོང་པས་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་པར་འཐད་པ་དང་འབྲེལ་ཡོད་བཀོལ་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་འཐད་པ་བྱུང་དགོས། ཕ་མ་དང་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱ་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།


4. ཁྱེད་ཀྱི་གཞི་གྲངས་ལ་དོ་དམ་བྱེད་པ།

ང་ཚོས་ཁྱེད་ལ་སྟབས་བདེའི་བྱ་ཐབས་སྒྲིག་འགོད་བྱས་ནས་ཁྱེད་ཀྱི་གཞི་གྲངས་ལ་དོ་དམ་བྱེད།

ཁྱེད་ཀྱིས་ཧྭ་ཝེའི་འཚོ་བའི་ཞབས་ཞུ་ནས་ངའི། དེ་ནས་མངག་ཐོ་ཞེས་པར་ཕྱིན་ནས་དངུལ་སྤྲད་པའི་ཉོ་སྒྲུབ་ཟིན་ཐོ་ལྟ་སྤྱོད་བྱེད་ཐུབ། ཡང་ན་དངུལ་བླུག་ལས་རོགས་ཆུང་ངུ་ནས་ངའི། དེ་ནས་མངག་ཐོའི་ནང་དངུལ་བླུག་དངུལ་སྤྲད་ནས་ཉོ་སྒྲུབ་ཟིན་ཐོ་ལྟ་སྤྱོད་བྱེད་ཐུབ།

ཁྱེད་ཀྱིས་ཧྭ་ཝེའི་འཚོ་བའི་ཞབས་ཞུ་ནས་ངའི། དེ་ནས་ཞབས་ཞུའི་ལྟེ་གནས་དོགས་གནད་དང་བསམ་འཆར། དེ་ནས་ལྡོག་འདྲེན་གྱི་ཟིན་ཐོར་ཕེབས་ཏེ་འདྲི་རྩད་གནང་རོགས།

ཁྱེད་ཀྱིས་རྒྱུད་ཁོངས་ཀྱི་སྒྲིག་འགོད་ནས་ཁྱེད་ཀྱི་གནས་ཡུལ་དང་། པར་ཆས། གསོག་འཇོག ཁ་པར་བཅས་ཀྱི་དབང་ཚད་ཁ་རྒྱག་ཆོག བཀོལ་སྤྱོད་ཀྱི་རྒྱུད་ཁོངས་ཀྱི་པར་མ་མི་འདྲར་བལྟས་ནས་བརྒྱུད་ལམ་ཡང་མི་འདྲ།

གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་བསམ་འཆར་རམ་གྲོས་གཞི་གང་རུང་ཞིག་ཡོད་ཚེ། གསལ་བསྒྲགས་འདིའི་ནང་གི་ས་བཅད་ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད་ཅེས་པ་ཡི་ནང་དུ་བརྗོད་པའི་འབྲེལ་གཏུག་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད་ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག


5. གཞི་གྲངས་གསོག་ཉར་བྱེད་ས་དང་ཡུན་ཚད།

5.1 གཞི་གྲངས་གསོག་ཉར་བྱེད་ས།

ཉེར་སྤྱོད་འདིས་བསྡུ་རུབ་དང་གསར་བྱུང་བྱས་པའི་མི་སྒེར་གྱི་ཆ་འཕྲིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ཞབས་ཞུའི་སྟེགས་བུའི་ཐོག་ཏུ་བརྒྱུད་གཏོང་བྱ་བ་མ་ཟད་དེར་ཉར་ཚགས་བྱ་སྲིད།

ཕྱོགས་གསུམ་པའི་ཞབས་ཞུའི་ཚོང་པར་སྤྲོད་པའི་མི་སྒེར་གྱི་ཆ་འཕྲིན་གྱི་གསོག་འཇོག་ས་གནས་ཐད་ལ་འབྲེལ་ཡོད་ཀྱི་གསང་བའི་སྲིད་ཇུས་བརྒྱུད་ནས་སྔར་ལས་ལྷག་པར་ཤེས་རྟོགས་གནང་རོགས།


5.2 གཞི་གྲངས་ཉར་ཚགས་བྱེད་པའི་དུས་བཅད།

ང་ཚོས་གསལ་བསྒྲགས་འདིའི་ནང་བརྗོད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པར་དགོས་ངེས་ཀྱི་དུས་ཚོད་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་རྒྱུ་མ་ཟད། གཤམ་གྱི་དུས་ཚོད་ལས་བརྒལ་རྗེས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སུབ་པའམ་ཡང་ན་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་པས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བླང་བྱ་གཞན་ཡོད་པ་ཕུད།

ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་གི་ཆ་འཕྲིན་ནི་ཁྱེད་ནས་ཐོ་བསུབས་རྗེས་སུ་གསུབ་རྒྱུ་ཡིན།

ཁྱེད་ཀྱི་མངག་ཐོའི་ཆ་འཕྲིན་ལོ་ 7 ལ་ཉར་ཚགས་བྱས་པའི་རྗེས་སུ་གསུབ་ངེས།

གནད་དོན་ལྡོག་འདྲེན་འབྲེལ་ཡོད་ཀྱི་ཆ་འཕྲིན། (འབྲེལ་གཏུག་བྱ་ཐབས་དང་སྤྱོད་མཁན་གྱི་པར་རིས། ལྡོག་འདྲེན་བྱས་པའི་ནང་དོན་བཅས་)ཟླ་བ་ 3 ལ་ཉར་ཚགས་བྱས་པའི་རྗེས་སུ་གསུབ་ངེས། སྣེའི་ཉིན་ཐོ་ཉིན་ 7 ལ་ཉར་ཚགས་བྱས་པའི་རྗེས་སུ་གསུབ་ངེས།

ཁྱེད་ཀྱི་སྒྲིག་ཆས་ཀྱི་ཆ་འཕྲིན་ (སྒྲིག་ཆས་ཀྱི་གསལ་བྱེད་རྟགས་དང་སྒྲིག་ཆས་ཀྱི་བཟོ་རྟགས།) གནས་ཡུལ་གྱི་ཆ་འཕྲིན། མྱུར་སྐྱེལ་གྱི་ཆ་འཕྲིན་དེ་བཞིན་བཤེར་འཚོལ་གྱི་གནད་ཚིག་བཅས་གསོག་འཇོག་མི་བྱེད།

ཕྱོགས་གསུམ་པའི་ཞབས་ཞུའི་ཚོང་པར་སྤྲོད་པའི་མི་སྒེར་གྱི་ཆ་འཕྲིན་གྱི་གསོག་འཇོག་དུས་ཡུན་ཐད་ལ་འབྲེལ་ཡོད་ཀྱི་གསང་བའི་སྲིད་ཇུས་བརྒྱུད་ནས་སྔར་ལས་ལྷག་པར་ཤེས་རྟོགས་གནང་རོགས།

དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་འཁོར་སྐྱོད་བྱེད་མཚམས་འཇོག་པའི་གནས་ཚུལ་ཐོན་ཚེ། ང་ཚོས་བརྡ་ཐོ་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པའི་ཐོག་ནས་ཁྱེད་ལ་བརྡ་གཏོང་བ་མ་ཟད། ལུགས་མཐུན་གྱི་དུས་ཡུན་ནང་དུ་ཁྱོད་ཀྱི་ཆ་འཕྲིན་སུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱེད་ངེས།


6. ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད།

ང་ཚོས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་ཆེད་ལས་སྡེ་ཁག་ (ཡང་ན་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་ཆེད་བཏང་མི་སྣ་) བསྐོ་འཇོག་བྱས་ཡོད། ཁྱེད་ཀྱིས་གསང་བའི་དྲི་བའི་དྲ་ངོས་(https://consumer.huawei.com/cn/legal/privacy-questions/)ལ་ལྟ་སྤྱོད་བྱེད་པ་བརྒྱུད་ནས་དེ་དང་འབྲེལ་བ་བྱེད་ཆོག ང་ཚོས་གང་མགྱོགས་ཀྱིས་ལན་སློག་ངེས་ཡིན།

གལ་ཏེ་ང་ཚོས་ལན་བཏབ་པ་དེ་ལ་ཁྱེད་རང་མ་འཐད་པའམ། ལྷག་པར་དུ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་ཆོག ཁྱེད་ཀྱིས་ཀྱང་ང་ཚོ་ནས་སྤྱོད་གོ་ཆོད་པའི་འབྲེལ་ཡོད་ཞུ་གཏུག་ཐབས་ལམ་གྱི་ཆ་འཕྲིན་རྒྱུས་ལོན་བྱས་ཆོག

ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་གསང་བའི་སྲིད་ཇུས་ལ་བརྩི་སྲུང་བྱས་ནས་ཁྱེད་ཀྱི་ཆ་འཕྲིན་འཚོལ་སྡུད་དང་བེད་སྤྱོད་བྱ་སྲིད། ང་ཚོའི་སྒེར་གསང་སྲིད་ཇུས་དང་འབྲེལ་ཡོད་ལ་ ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་གསང་དོན་གསལ་བསྒྲགས ཧྭ་ཝེའི་ཐོ་ཨང་(https://consumer.huawei.com/cn/legal/privacy-policy/) ཞེས་པར་དཔྱད་ཀློག་བྱས་ཆོག


དེ་ལས་མང་བར་བལྟ་བ།